亚青佛教用品
亚青佛教用品

ཡ་ཆེན་གི་གཏེར་བུམ་གྱི་དཀར་ཆག་དང་ཕན་ཡོན།། 亚青邬金禅定洲宝瓶目录与功德

亚青佛教用品 2019-11-11

亲! 等您很久了...

繁体 地图 目录 教程 说明

返回到上一页 存储网页 随机浏览





亚青邬金禅定洲

༄༅།། དཔལ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་གཏེར་བུམ་གྱི་

དཀར་ཆག་དང་ཕན་ཡོན་བཞུགས་སོ།།

宝瓶目录与功德



2018年|8月







དེ་ཡང་རྒྱུད་ཉི་ཟླ་ཁ་སྦྱོར་ལས། ལོ་རྒྱུས་དོན་གྱིས་མ་བཤད་ན།། གསང་ཆེན་ངེས་པའི་བཀའ་འདི་ལ། །ཡིད་མི་ཆེས་པའི་སྐྱོན་དུ་འགྱུར། །དེ་ཕྱིར་ལོ་རྒྱུས་བརྗོད་པར་བྱ། །ཞེས་གསུངས་པ་ལྟར། ཛཾ་བྷ་ལྷ་དང་ས་ཡི་སྙིང་པོའི་གཡང་བུམ་འདི་ཉིད་ཀྱི་ལོ་རྒྱུས་ཅུང་ཟད་ཞུ་བར་བྱེད་པ་ལ། དང་པོ་རྫས་སྦྱོར་ཕུན་སུམ་ཚོགས་པ་ནི། དཔལ་གསང་བའི་སྙིང་པོ་ལས། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང་། །བདུད་རྩི་ལྔ་ཉིད་རབ་བསྙམས་ལ། ཞེས་གསུངས་པ་ལྟར། ནས། གྲོ། འབྲས། ཏིལ་དཀར། སོ་བ། མོན་སྲན་དཀར་པོ། མ་རྨོས་ལོ་ཏོག ཤིང་ཏོག་འདྲ་མིན་སོགས་འབྲུ་རིགས་དང་། སླེ་ཏྲེས། ཀཎྡ་ཀཱ་རི། དབང་ལག རྒྱ་མཚོ་ཝུ་བ། ཤུ་དག་དཀར་པོ། ཙན་དན་དཀར་པོ། ཙན་དན་དམར་པོ། ཛ་ཏི། ལི་ཤི། ག་བུར། གུར་གུམ། སུག་སྨེལ་སོགས་སྤོས་ཀྱི་རིགས་དང་། གསེར། དངུལ། ཟངས། རྡོ་རྗེ་ཕ་ལམ། ཨིནྜ་ནི་ལ། པདྨ་རཱ་ག མུ་ཏིག ས་ལེ་སྦྲམ། མུ་མེན། གཟི། བྱུ་རུ། གཡུ། དུང་། མན་ཤེལ། སྤོས་ཤེལ། ཉ་ཕྱིས་སོགས་ རིན་ཆེན་གྱི་རིགས་དང་། དགོན་གནས་བྱིན་ཅན་དང་རྒྱ་བོད་ཀྱི་ཞིང་ས་བཟང་པོའི་ས་སྣ་དང་ཆུ་སྣ། ཤིང་སྣ་སོགས། རྒྱལ་པོ་དང་ཕྱུག་པོའི་ཟས་ནོར་ཕྱུག་རྒྱུན་མ་ཆད་པའི་རྫས་ཅི་མང་སོགས་འབྱུང་ལྔའི་དྭངས་བཅུད་འདུས་པའི་སྙིང་པོ་སྣ་ཚོགས་ཀྱི་རིགས་དང་། ཅུ་གང་། ཀ་ཀོ་ལ། ཨ་རུ། བ་རུ། སྐྱུ་རུ། ཨ་ཀ་རུ། ཤིང་མངར། དུར་ཝ། ཀུ་ཤ ལི་ཁྲི། སིནྡྷུ་ར། གངས་ཐིག སྦིལ་ཝ། གི་ཝཾ་སོགས་སྨན་གྱི་རིགས་དང་། གཞན་ཡང་རྟེན་བྱིན་རླབས་ཅན་གྱི་རིགས་དང་སྒྲུབ་གཏོར་སྣ་ཚོགས། དངོས་གྲུབ་ཀྱི་རྫས་སྣ་ཚོགས། དཀྱིལ་འཁོར་གྱི་རྡུལ་མཚོན་སྣ་ཚོགས་དང་། མ་ཎི་རིལ་བུ་སོགས་མྱོང་གྲོལ་བདུད་རྩི་རྣམས་ཀྱིས་མཚོན། གཏེར་རྡོ་འདྲ་མིན་དང་། ཞོ་དང་འོ་མ་སྐམ་པོ། མར་དང་། ཆུར་ར། ཤེལ་ཀ་ར། སྦྲང་རྩི། ཤུག་པ་དང་སུར་དཀར། དར་ཟབ་འདྲ་མིན་སོགས་མང་དུ་འདུས་ལ། རྫས་དེ་དག་ཀྱང་དམ་ཉམས་ཀྱི་ལག་ནས་ཡོང་བ་ལྟ་བུའི་མི་རུང་བའི་སྐྱོན་ཐམས་ཅད་བྲལ་ཞིང་གཙང་སྦྱར་ལེགས་སྦྱོར་ཕུན་སུམ་ཚོགས་པའོ།།









配方类


《日月吻合续》中云:“未讲明历史义,大密了义之教,将有不信之过,为此讲明历史。”如此所宣般,稍许讲明黄财神与地藏宝瓶之渊源。

密藏续中云:“五谷五香五珍宝,五种精华五种药,五种甘露性极干。”

珍宝类:金、银、铜、金刚钻、蓝宝石、红宝石、珍珠、真宝、青金石、九眼石、珊瑚、玉、海螺、水晶、琥珀、贝壳等众多珍宝。

其他类:青稞、小麦、大米、白芝麻、铃铛麦、白豆、自然香稻、水果类、酸奶、干牛奶、酥油、奶渣、冰糖、蜂蜜、苦参、山龙藤、佛手参、大海泡沫、白菖蒲、红白栴檀、肉蔻、丁香、冰片、红花、小豆蔻、竹黄、砂仁、诃子、楝子、余甘子、沉香、甘草、百节草、吉祥草、黄丹、海血、雪化石、葫芦、人黄等,柏树、杜鹃花、种种绸缎,藏汉具加持的寺庙与圣地的种种土类、水类、树类,国王与富裕者的食、财、白三类,恒时富有、财富未间断者的众多物,具加持的珍宝类,种种修成朵玛,种种成就物,种种坛城彩粉与玛尼丸等。







返回顶部