阿旺西热堪布
阿旺西热堪布

阿旺西热仁波切在吉祥尼玛隆寺传法灌顶,举行火供法会。

阿旺西热堪布 2019-09-21

亲! 等您很久了...

繁体 地图 目录 教程 说明

返回到上一页 存储网页 随机浏览

阿旺西热仁波切嗯在吉祥尼玛隆寺传法灌顶,举


行火供法会。




ངག་གི་དབང་པོའི་ཐུགས་བསྐྱེད་ལྷ་ལམ་དུ། །              

ཤེས་རབ་དུ་མའི་དཀྱིལ་འཁོར་རབ་རྫོགས་ཤིང་། །

ལེགས་བཤད་གསུང་གི་འོད་དཀར་འབུམ་འཕྲོ་བ། །      

མཁན་ཆེན་ངག་དབང་ཤེས་རབ་ཞབས་བརྟན་ཤོག །










དེ་ཡང་དཔལ་ས་སྐྱའི་ཆོས་རྒྱུད་འཛིན་པ་འཛམ་གླིང་མཛེས་པ་རྒྱན་དགུའི་ཡ་གྱལ་ཀུན་མཁྱེན་མཁས་པའི་དབང་པོ་གོ་བོ་རམས་འབྱམས་པ་བསོད་ནམས་སེང་གེའི་རྒྱལ་ཚབ་མཁན་རབས་ང་ཅིག་པ་༧ མཁན་རིན་པོ་ཆེ་ངག་དབང་ཤེས་རབ་མཆོག་དཔལ་ཉི་མ་ལུང་དགོན་འདུས་སྤྱི་ཡོངས་ནས་སྔ་རྒྱུན་ལྟར་གསོལ་བ་འདེབས་པ་བཞིན་བོད་ཟླ་དྲུག་པའི་ཚེས་ཉི་ཤུ་དགུའི་ཉི་མོར་རྒྱལ་ཆེན་བརྩེ་ཡུལ་ཤོག་གི་དམིགས་ཡུལ་ཚེ་འདས་གཙོ་བོར་བྱས་པའི་ཚེ་ལས་འདས་ཚད་ཡོངས་ཀྱི་ཆེད་དུ་ཡི་དམ་འབྱུང་པོ་འདུལ་བྱེད་ལ་བརྟེན་ནས་སྦྱིན་སྲེག་གནང་བཞིན་པའི་རྣམ་པ་ཆ་བཤད་ཙམ།  

















ཉིན་ཕྱི་མ་འམ་གནམ་གང་ཉི་མོར་ཚེ་རྟ་ཟུངས་འབྲེལ་གི་ཚེ་དབང་ཟབ་མོ་བསྐུར་བཞིན་པའི་རྣམ་པ་ཆ་བཤད་ཙམ།


















ཟོལ་མེད་མོས་གུས་དྲག་པོའི་གདུང་ཤུགས་ཀྱིས། །     

སྐྱབས་གཅིག་དཔལ་མགོན་བླ་མར་གསོལ་འདེབས་ན། །

མ་གྱུར་འགྲོ་ལ་ཐུགས་རྗེས་མ་གཡེལ་བར། ། 

ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་བཞུགས་གསོལ། །





















返回顶部