俄色堪布
俄色堪布

དྲིན་ཆེན་གྱི་ཨ་མ་རྒན་མོ་ཞིག་དང་སྐད་ཆ་ཞིག དུང་ཞེན་དགའ་བོ་ནས

俄色堪布 2019-09-12

亲! 等您很久了...

繁体 地图 目录 教程 说明

返回到上一页 存储网页 随机浏览

དེ་རིང་ཞོགས་པ་མ་རྒན་ཞིག་གཙུག་ལགས་ཁང་སྒོ་ཁ་ནས་ཡིད་སྐྱོ་བའི་ངང་ནས་རང་གི་མདུན་དུ་སྐར་མ་སུམ་བཅུ་ཙམ་འདུག་ཐལ།  

དེ་ནས་རང་གི་མ་རྒན་འདི་གང་འདྲ་ཞིག་བསམ་གྱི་ཡོད་ན། ཡང་ན་ནད་འདྲ་ཞིག་ན་མིན་འགྲོ་བསམ་ནས་སྐད་ཆ་ཞིག་བྲིས་པ་ཡིན།  

ཨ་མ་ལགས་ཁྱེད་རང་གང་གནང་སོང་ན་གི་འདུག་བས་དྲིས་པས།  ན་གི་མི་འདུག མཎྜལ་ཞིག་འབུལ་དགོས་བསམ་ནས་ཉི་མ་མང་པོ་འོང་བ་ཡིན་པས་ཤེས་ཀྱི་མི་འདུག   ད་ནི་ཡིད་སྐྱོ་བས་ཅི་དགོས་མེད་གྱུར་སོང་ཟེར།  ཡ་ཡ་སེམས་ནད་མ་གནང་དང་མཎྜལ་འབུལ་མི་ཤེས་པ་ཡོད་མ་རེད་རང་གི་ཁྱེད་ལ་སྦྱང་རོགས་ཞུ་ཆོག་ཟེར་བས། ཨ་མ་ལགས་སེམས་དགའ་བཞིན་དུ་རང་གི་མདུན་དུ་འདུག་བྱུང་། དེ་ནས་ཨ་མ་ལགས་རང་གཉིས་སྐད་ཆ་ཁ་ཤས་བཤད་ནས།  ཨ་མ་ལགས་ཁྱེད་ལ་ལོ་རྒས་པའི་སྐབས་སུ་སྔར་དང་མི་འདྲ་བའི་ཚོར་བ་གང་འདྲ་འདུག་བྲིས་པས།  ཨ་མ་ལགས་ནས། རང་ཉིད་ཆུང་དུས་ནས་བུ་བརྒྱུད་ཆེད་དུ་ཉིན་མཚན་བར་མེད་དུ་ཕྱུགས་ལས་དང་ཞིང་ལས་ཁོ་ནར་བྱས་ནས་དཀའ་ངལ་གྱི་རང་བཞིན་ངང་དུ་འཁོར་བ་ལ་འཁྱམས་དགོས་བྱུང་སོང་ཟེར།   དེ་ནས་ཁྱེད་རང་གི་ཆུང་དུས་ནས་ཆོས་ག་འདྲ་སྒྲུབ་མྱོང་ཞུས་པས། མ་ཎི་སོགས་ཏོག་ཙམ་འདོན་ཤེས་ཀྱི་ཡོད།    གཞན་ཡང་བླ་མ་ཁ་ཤས་མདུན་ནས་དབང་ཞུ་ཡ་དང་འཁྲུས་ཞུ་ཡ་སོགས་མང་པོ་བྱ་མྱོང་།    དེ་བས་ཆོས་ཟེར་གང་ཡང་བྱ་མྱོང་མེད་ལ་ཤེས་མྱོང་ཡང་མེད།

ཡ་ཡ་དེ་ནས་ཨ་མ་ལགས་ལ་དཀའ་ངལ་གང་འདྲ་འདུག་དྲིས་པས། བདག་ཉིད་ལོ་ན་རྒས་པས་བཤད་མི་ཤེས་པའི་དཀའ་ངལ་མང་པོ་འདུག      འགྲོ་བསམ་ས་ནི་སླེབ་ཀྱི་མི་འདུག   སྦྱང་བསམ་མཁན་ནི་ཤེས་ཀྱི་འདུག   ཟ་བསམ་ཚད་ནི་སོ་དང་ཕོ་བས་ནུས་ཀྱི་མི་འདུག

ད་དུང་སྔར་དཀའ་ངལ་རྒྱག་པའི་རྒྱུ་ཟས་སོགས་བུ་དང་ཆུང་མ་ལས་བདག་ཉིད་ལ་ལོངས་སྤྱོད་དབང་མེད་ན་ཡང་མི་གཞན་གྱི་ཟ་འགྲོ་དོག   བཤད་འོང་དོག   བུ་བརྒྱུད་དེ་ཚོ་གང་འདྲ་ཞིག་ཆགས་འོང་ན་བསམ་ནས་དཀའ་ངལ་གྱི་རང་བཞིན་རེད།    ངོ་མ་འཁོར་བ་ཟེར་ན་སྙིང་པོམེད་པ་དཀའ་རྙོག་གི་རང་བཞིན་རེད་འདུག་ཟེར། དེ་ན་དེང་སོང་ཨ་མ་ལགས་ལ་བསམ་བློ་གང་འདྲ་འདུག་བྲིས་པས།

ད་ནི་ལོ་ཆེན་པོ་ཡིན་པས་ཆོས་འདྲ་ཏོག་ཙམ་ཨེ་ཤེས་ན་དྲན་གྱིན་ཡོད།   འོན་ཀྱང་བསམ་རྒྱུ་རེད་མ་ཏོག་ཤེས་དཀའ་མོ་རེད་འདུག   ང་ཚོ་འདྲ་བའི་ལོ་རྒས་རྒན་ཚོར་སློབ་གྲྭ་ནི་འགྲོ་ས་མེད།   གལ་སྲིད་ཡོད་ཀྱང་ནུས་པ་མེད་པས་ཐབས་ཤེས་ཡོད་མ་རེད་ཟེར།    ཡ་ཡ་ཨ་མ་ལགས་ལ་མཎྜལ་སྦྱང་དགོས་ཟེར་དམ། 

མཎྜལ་ཡི་གེ་འདོན་ཤེས་གྱི་ཡོད་པས་ཟེར་བས།  ཡི་གེ་ཤེས་ཀྱི་མེད་ཟེར།  འོ་ན་ད་ག་འདྲ་བྱས་སྦྱངརེད་དགོས་ཞུས་པས།    མི་གཞན་གྱི་ངག་རྒྱུག་བྱས་ནས་ཅུང་ཙམ་འདོན་ཤེས་ཀྱི་ཡོད་ཟེར།  འོ་ན་ཡག་པོ་བྱས་ཚར་གཅིག་ཀློག་དང་ཞུས་པས།  ཚར་གཅིག་འདོན་སོང་བས་བརྡ་དག་དབྱངས་གསུམ་ངང་ནས་ཡིད་སྐྱོ་བའི་རྣམ་པ་ཞིག་བྱས་འདོན་སོང་།   ཡག་པོ་འདོན་འདུག     རང་གི་དེ་རིང་ཁྱེད་ལ་དང་པོ་འབུལ་སྟངས་སྦྱང་།  དེ་ནས་སང་ཉིན་རིན་བཞིན་མཎྜལ་གྱི་དམིགས་རིམ་སོགས་རང་གི་གང་ཤེས་སློབ་ཆོག་ཞུས་པས།    ཡ་ཡ་བུ་ཁྱེད་བཀའ་དྲིན་ཆེ་ཟེར་བས།    མཎྜལ་འབུལ་སྟངས་དང་པོ་ཚོམ་བུ་བདུན་མ་སྦྱང་དེ་ནས་སོ་བདུན་མ་བཅས་ཆུ་ཚོད་གཅིག་ཙམ་སློབ་པས་ཡག་པོ་ཤེས་འདུག     ད་ཁྱེད་རང་གི་ཤེས་རྒྱུ་ཐག་ཆད་པར་འདུག་ཞུས་པས།  དགའ་དགའ་སྤྲོ་སྤྲོ་ངང་ཨ་མ་ལགས་ནས་བུ་རམ་ཁ་ཤས་བདག་ལ་གནང་བས།  བུ་རམ་འདི་ཁྱེད་རང་གི་ཡང་ཟོས་ལ་མི་གཞན་ལ་ཡང་སྦྱིན་རོགས་ཟེར་ནས་ད་དུང་སང་ཉིན་མུ་འཐུད་བྱས་བུ་ཁྱེད་ཀྱི་སྦྱང་རོགས་ཟེར་ནས་ཕེབས་སོང་།  ཨ་མ་ལགས་ཕེབས་ཚར་རྗེས་བུ་རམ་འདི་ཟ་རྩིས་བྱས་པས།  བུརམ་འདི་བུ་ཁྱེད་ཀྱི་ཟོས་ལ་གཞན་ཡང་སྦྱིན་རོགས་ཞེས་པའི་སྐད་ཆ་དེ་ཡིད་ལ་གློག་བུར་དུ་དྲན་ནས།  ཨ་མ་དེས་རང་ཉིད་ལ་དེ་རིང་ཆོས་ཀྱི་གནས་ལུགས་ཡག་པོ་ཞིག་ལམ་སྟོན་གནང་བྱུང་དྲན་ནས། བུ་རམ་དེ་རང་གི་ཡང་ཟོས་ལ་གཞན་ལ་ཡང་སྦྱིན་ཞེས་པའི་དོན་དེས།   ཆོས་ཟེར་བ་དེ་རང་གཅིག་པུ་དོན་དུ་མ་ཡིན་པ་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡིན་པ་ཤེས་དགོས་ཞེས་པའི་བརྡར་གནང་འདུག་བསམ་བྱུང་།   ཕར་མཎྜལ་སློབ་རོགས་བྱས་པ་ལ་བསྟེན་ནས་དེ་བས་རང་ཉིད་ལ་ཚུར་ཆོས་ཀྱི་སྙིང་པོ་སེམས་བསྐྱེད་དགོས་ཚུལ་ཞིག་འདུག་དྲན་ནས་བསམ་བློ་ཞིག་ངང་ནས་དེ་རིང་སྔ་དྲོའི་རྣམ་ཐར་རྫོགས་སོ།    

    

མ་ཁྱེད་དང་བུ་ངའི་ལས་དབང་ཞིག

དྲིན་ཆེན་གྱི་མ་ལོ་རྒན་མོ་འདི། 

ལོ་བརྒྱད་བཅུ་འཁོར་བར་འཁྱམས་ན་ཡང་།

ད་འཁོར་བའི་ལས་ལ་ཡིད་སྐྱོ་ནས།  

ཡང་དག་གི་དམ་པའི་ཆོས་ལ་བརྩོན།


ཆོས་དམ་པའི་སྔོན་འགྲོ་འབུམ་ལྔ་ལས།

ཚོགས་བསགས་ཀྱི་སྙིང་པོ་མཎྜལ་སྦྱང་། 

རང་ཤེས་པའི་ཡོན་ཏན་མི་ཆེ་ཡང་། 

མ་དྲིན་ཆེན་ཁྱེད་ལ་སྙིང་རྗེ་ནས། 

ཅུང་ཤེས་པའི་དོན་དེ་ཁྱེད་ལ་སློབ།


ཡང་དག་གི་དམ་ཆོས་ཤེས་གྱུར་ནས།

སྙིང་མེད་ཀྱི་འཁོར་བའི་གནས་རིས་ལས།

དུས་ནམ་ཡང་སྐྱེ་བ་མེད་པའི་ངང་།  

མ་དྲིན་ཆེན་བདེ་ལ་འགོད་པར་སྨོན། 

ལྷ་གདན་གྱི་གཙུག་ལག་ཆེན་མོར་བྲིས།

དུང་ཞེན་དགའ་བོ་ནས།  





返回顶部