能生
能生

成就者特丹尼玛丹贝嘉灿华桑布却各 祈祷文·无死妙音

能生 2019-07-22

亲! 等您很久了...

繁体 地图 目录 教程 说明

返回到上一页 存储网页 随机浏览



༄༅།། གྲུབ་དབང་ཐུབ་བསྟན་ཉི་མ་བསྟན་པའི་རྒྱལ་མཚན་དཔལ་

             བཟང་པོ་མཆོག་གི་ཞབས་བརྟན་འཆི་མེད་

                 རང་སྒྲ་ཞེས་བྱ་བ་བཞུགས་སོ།།

成就者特丹尼玛丹贝嘉灿华桑布却各

祈祷文·无死妙音

 

ཨོཾ་སྭ་སྟི། རྣམ་དཀར་བསོད་ནམས་བྱེ་བས་བསྐྲུན་པའི་སྐུ།།

འགག་མེད་ཚངས་དབྱངས་ཡན་ལག་དྲུག་ཅུའི་གསུངས།།

འཁྲུལ་མེད་སྟོབས་བཅུའི་ཡོན་ཏན་རྫོགས་པའི་ཐུགས།།

སྲས་བཅས་རྒྱལ་བས་དེང་འདིར་དགོངས་སུ་གསོལ།།

 

ཤེས་རབ་ལྷ་མཆོག་རྒྱལ་སྲས་འཇམ་དབྱངས་དང་།།

ཆེས་བརྟན་དགེ་བཤེས་བསྟན་པའི་རྒྱལ་མཚན་དང་།།

གྲུབ་གཉིས་བློ་བཟང་ཆོས་ཀྱི་རྡོ་རྗེ་དེ།།

གཅིག་བསྡུས་ཐུབ་བསྟན་ཉི་མ་ཞབས་བརྟན་ཤོག །

 

ཇི་སྲིད་བསྐལ་བ་མ་སྟོང་དེ་སྲིད་དུ།།

གསང་གསུམ་མི་ཤིག་ངོ་བོར་རྟག་བཞུགས་ནས།།

ལུང་དང་རྟོགས་པའི་བསྡུས་པའི་བསྟན་པ་འདི།།

མི་ནུབ་དར་རྒྱས་ཕྲིན་ལས་ཁྱེད་ཀྱིས་མཛོད།།

 

མཆོག་གསུམ་རྩ་གསུམ་ཚེ་ལྷ་རབ་འབྱམས་དང་།།

སངས་རྒྱས་གཉིས་པ་པདྨ་ཀ་ར་ཡིས།།

འཇམ་དབྱངས་རྣམ་རོལ་ཐུབ་བསྟན་ཉི་མ་ཡི།།

སྐུ་ཚེའི་མཛད་པ་མཐའ་རུ་ཕྱིན་པར་ཤོག།།


嗡索德

福德善业百万集聚身     谛实梵音六十支妙语

无误十力功德圆满意     诸佛菩萨普降请忆念

胜慧本尊佛子文殊尊     智者格西丹贝嘉灿及

第二成就洛桑法金刚     总集特丹尼玛祈久住

乃此世界直至不空际     三密不坏本体恒安住

教证显密总诠佛教义     请尊意传无欺广弘扬

三宝三根长寿胜数尊     世尊父子白玛嘎然古

文殊意化特丹尼玛尊     身寿事业浩瀚悉圆满



༄༅། །ན་མོ་སིདྡྷི་ཤྭ་ར་མུ་ནེ་ཤ་ས་ན་སུརྱ་ཡ།།

南无色德效然摩尼夏萨那舍雅呀

ཅེས་པ་འདི་བོད་རབ་བྱུང་བཅུ་བདུན་པ་ས་ཕོ་ཁྱིའི་ལོར། ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་དངོས་སུ་བོད་དུ་བྱོན་པའི་དུས་ཚེས་ཁྱད་པར་ཅན་ཧོར་ཟླ༡༠ཚེས༡༠ཉིན།ཉི་ཤར་འབྲུག་གི་དུས་སུ་རྒྱ་རོང་ནམ་སྤྲུལ་ལྔ་བ་འཇིགས་མེད་ནམ་མཁའ་ནོར་བུ་ཕྲིན་ལས་དཔལ་འབར་ནས་བྲིས་

པ་དགེ  

丁卯年藏历十七土狗年莲花生大师抵达藏区的殊圣日,藏历十月十日嘉绒囊珠第五转世(世称第五世嘉绒朗智活佛)齐美南卡诺布程列华桑布著写吉祥!



返回顶部